• #101 Having a laugh (Med) - ཨིན་སྐད་སྦྱོང་བརྡར་ཨང་། ༡༠༡། གད་མོ་དགོད་པ། (གནས་ཚད་བར་མ།)
    Jan 14 2026
    Learn how to talk about things that make you laugh. Practise phrases that help you share stories, react to jokes, and enjoy conversations more. - ཁྱེད་རང་གིས་གད་མོ་སློང་བའི་བྱ་བའི་སྐོར་ལ་ཇི་ལྟར་གླེང་མོལ་བྱེད་དགོས་པ་ཤེས་དགོས། དེའི་ཕྱིར་ཁྱེད་རང་གིས་གཏམ་རྒྱུད་ཤོད་རེས་དང་། དགོད་གཏམ་ལ་ལན་བྱེད་ཐབས། ཁ་བརྡ་བྱེད་རྒྱུར་དགའ་སྣང་འཕར་མ་སྐྱེ་རྒྱུ་སོགས་ལ་ཕན་པའི་ཚིག་དུམ་སྦྱོང་དགོས།
    Show More Show Less
    11 mins
  • ང་ཚོས་སྐྱིད་སྡུག་མཉམ་བྱེད།News
    Jan 14 2026
    མང་ཚོགས་ཀྱི་སྡུག་བསྔལ་ནི་མང་ཚོགས་ཀྱི་ཆག་སྒོ་ཆེན་པོ་ཞིག་གི་རྗེས་སུ་མྱངས་པའི་རྒྱུན་ལྡན་གྱི་ཉམས་མྱོང་ཞིག་སྟེ། དཔེར་ན་ཨོ་སི་ཁྲུ་ལི་ཡའི་ནང་ཟླ་བ་ ༡༢ ཚེས་༡༤ ལ་བྷོན་ཌི་མཚོ་འགྲམ་དུ་བྱུང་བའི་དོན་རྐྱེན་ལྟ་བུ་ཡིན། འཇིགས་སྐུལ་དོན་རྐྱེན་དེའི་ནང་མི་བཅོ་ལྔ་རྐྱེན་འདས་སུ་ཕྱིན་པ་དང་། དེ་ནས་བཟུང་ཨོ་སི་ཁྲུ་ལི་ཡ་དང་འཛམ་གླིང་ཡོངས། ལྷག་པར་དུ་འཇིགས་སྐུལ་དོན་རྐྱེན་དེའི་དམིགས་འབེན་དུ་གྱུར་པའི་ཇིའུ་མི་རིགས་ཀྱི་སྤྱི་ཚོགས་ཁྲོད་སྡུག་བསྔལ་གྱི་འབོད་སྒྲ་ཆེན་པོ་ཞིག་གིས་ཁྱབ། ཆོ་ག་ནི་ཇིའུ་མི་རིགས་ལ་རྩ་ཆེན་ཡིན་པ་དང་། མཁས་པ་ཚོས་དེ་དག་ནི་མྱ་ངན་གྱི་བརྒྱུད་རིམ་གྱི་ཆ་ཤས་གལ་ཆེན་ཞིག་ཡིན་པ་བརྗོད་ཡོད།
    Show More Show Less
    11 mins
  • Your guide to camping in Australia - ཨོ་སི་ཁྲུ་ལི་ཡའི་ནང་གླིང་གུར་ཕུབ་ཚུལ་གྱི་ལམ་སྟོན།
    Jan 14 2026
    Going camping is an incredible way to experience Australia’s great outdoors whilst also taking a break from technology and daily routines. We unpack the benefits of camping, the preparation required, the equipment you should consider taking, and how to be a considerate camper. - གླིང་གུར་ཕུབ་སྤྲོ་སྐྱིད་ལ་རོལ་བ་ནི་ཨོ་སི་ཁྲུ་ལི་ཡའི་ཕྱི་རོལ་གྱི་མཛེས་སྡུག་ལྡན་པའི་རང་བྱུང་ཁམས་ལ་རོལ་རྒྱུ་དང་དུས་མཚུངས་སུ། འཁྲུལ་ཆས་དང་རྒྱུན་གཏན་གྱི་བྱེད་སྒོ་ཁག་ལས་ངལ་གསོ་བྱེད་པར་ཤིན་ཏུ་ལེགས་པའི་ཐབས་ལམ་ཞིག་ཡིན། ང་ཚོས་གླིང་གུར་ཕུབ་པའི་དགེ་མཚན་དང་དགོས་ངེས་ཀྱི་དངོས་ཆས་ལྷན་དུ་འཁྱེར་དགོས་པའི་གྲ་སྒྲིག །ད་དུང་བསམ་གཞིག་ལྡན་པའི་གླིང་གུར་ཕུབ་མཁན་ཞིག་བྱེད་དགོས་མིན་གླེང་རྒྱུ་ཡིན།
    Show More Show Less
    8 mins
  • ཕྱི་ལོ་ ༢༠༢༦ ལོའི་ནང་འབྱུང་ངེས་པའི་ཁྲལ་དང་གླ་ཕོགས། རྒས་ཡོལ་ཐོབ་ཆ། བྱིས་པའི་ལྟ་སྐྱོང་། སྨན་བཅོས་སོགས་འགྱུར་བ་ཆེན་པོ་ཁག་གི་སྟབས་བདེའི་ལག་དེབ། NEWS
    Jan 7 2026
    ཨོ་སི་ཁྲུ་ལི་ཡའི་མི་སེར་རྣམས་ལ་བྱིས་པའི་ལྟ་སྐྱོང་དང་། ཁྱིམ་ཚང་གི་སྔོན་རྩིས། སྨན་བཅོས་ལྟ་སྐྱོང་བཅས་ཀྱི་ཐོག་ཁྲལ་ཆག་ཡང་ནས་གླ་ཕོགས་ཀྱི་རྒས་ཡོལ་ཐོབ་ཆ་སོགས་ཀྱི་ཐད་འགྱུར་བ་དུ་མ་ཞིག་འགྲོ་རྒྱུ་ཡིན་པ་རེད། ཕྱི་ལོ་ ༢༠༢༦ ཤར་བ་དང་ཨོ་སི་ཁྲུ་ལི་ཡར་སྒེར་གྱི་དམིགས་ཡུལ་ལས་བརྒལ་བའི་འགྱུར་བ་ཆེན་པོ་ཞིག་ལ་ལྟ་གོན་བྱེད་བཞིན་ཡོད། དེ་ནི་སྤྱིར་བཏང་གི་ལོ་གསར་པའི་དམ་བཅའ་དང་། ལུས་རྩལ་ཁང་ལ་མིང་ཐོ་འགོད་པ། ཡང་ན་སྐད་ཡིག་གསར་པ་ཞིག་སློབ་ཐབས་བྱེད་པ་སོགས་ལས་འདས། ཐེངས་འདིའི་འགྱུར་བ་དེ་གང་ཟག་སྒེར་གྱི་དམིགས་ཡུལ་ལས་བརྒལ་ཏེ་ཁྱིམ་ཚང་གི་སྔོན་རྩིས་དང་། ལས་ཀའི་གནས་སྟངས། ཐ་ན་རྒྱལ་ཁབ་ཀྱི་རྨང་གཞིའི་འཛུགས་སྐྲུན་བཅས་ལ་ཤུགས་རྐྱེན་འཐེབ་རྒྱུ་རེད། ཁྲལ་ཆག་ཡང་དང་གླ་ཕོགས་ཀྱི་རྒས་ཡོལ་ཐོབ་ཆ། དེ་བཞིན་རྒྱལ་ཡོངས་ནད་རིགས་ཚོད་འཛིན་ལྟེ་གནས་འགོ་འཛུགས་པ་སོགས་ཀྱི་བཅོས་འགྱུར་དུ་མ་ཞིག་ལག་བསྟར་བྱ་རྒྱུ་ཡིན་པ་དང་། དེ་དག་ལས་འགའ་ཞིག་ལ་མི་མང་གི་དོ་སྣང་བྱུང་མེད་སྲིད། གཤམ་དུ་ཕྱི་ལོ་ ༢༠༢༦ ལོར་ཨོ་སི་ཁྲུ་ལི་ཡ་ལ་བལྟ་རྒྱུ་ཡོད་པའི་འགྱུར་བཅོས་གང་ཡོད་པ་རྣམས་ལ་གཟིགས།
    Show More Show Less
    12 mins
  • Gather and celebrate: Talking over a BBQ (Med) - མཉམ་འདུས་ཀྱིས་དགའ་སྟོན་ལ་རོལ་བ། ༼ སྐམ་སྲེག་ཐབ་ཀྱི་མཐའ་འཁོར་དུ་གླེང་མོལ་བྱེད་པ། ༽
    Jan 6 2026
    Learn how to describe cooking at a barbecue. - སྐམ་སྲེག་ཐབ་ཀྱི་ནང་ཟ་མ་བཟོ་སྟངས་ཀྱི་སྐོར་ལ་གླེང་མོལ་བྱེད་སྟངས་ཤེས་རྟོགས་བྱོས།
    Show More Show Less
    12 mins
  • འཛམ་གླིང་གི་སྤྱི་ནོར། community Interview
    Jan 6 2026
    ༸སྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་ཀྱིས་ང་ཚོ་འགྱེལ་ས་དེ་ནས་ཡར་ལངས་ཐུབ་པ་བྱུང་ཡོད་ཙང་ཁོང་གི་ཆབ་སྲིད་དང་མ་འབྲེལ་བའི་མཐའ་མེད་ཀྱི་མཛད་པ་འཕྲིན་ལས་དེ་དག་གི་ནང་དོན་སྙིང་བསྡུས། རིང་མ་དྲགས་པ། ཀློག་བདེ་བ། གཞོན་སྐྱེས་ཚོས་དུས་ཚོད་དང་བསྟུན་ནས་རོ་བཅུད་མྱོང་ཆོག་ཆོག་ཅིག་བྲིས་ཡོད་པ་ནི་འཛམ་གླིང་གི་སྤྱི་ནོར་ཞེས་པའི་ཕྱག་དེབ་འདི་ཉིད་ཡིན་པས་ཐུགས་སྣང་གནང་བ་ཡིན་ན་དེའི་གལ་གནད་མཁྱེན་རྟོགས་ཐུབ་པར་ཐེ་ཚོམ་མེད།
    Show More Show Less
    11 mins
  • ཛ་དྲག་ཁ་པར་ཞབས་ཞུ་ཁང་དུ་རོགས་སྐྱོར་འབོད་སྐུལ་བྱེད་མཁན་གྱི་གྲངས་འབོར་ཤུགས་ཆེར་འཕར་ཡོད། NACA Feature
    Dec 31 2025
    བྷོན་ཌི་འཇིགས་སྐུལ་དོན་རྐྱེན་བྱུང་རྗེས་དམག་འཁྲུག་དང་། དྲག་སྤྱོད། གནོད་འཚེ་བཅས་ལས་བྲོས་བྱོལ་དུ་ཡོང་བའི་སྐྱབས་བཅོལ་བ་ཚོར་རྒྱབ་སྐྱོར་བྱེད་མཁན་ཞབས་ཞུ་ཁང་ཞིག་ལ་ཛ་དྲག་ཁ་པར་བརྒྱུད་མ་དངུལ་མཁོ་སྤྲོད་བྱས་ཡོད། ནིའུ་སའོ་ཐ་ཝལ་སི་མངའ་སྡེའི་ནང་གི་ཛ་དྲག་ཁ་པར་ཞབས་ཞུ་ཁང་དེའི་ལས་བྱེད་ཚོས་བརྗོད་པ་ལྟར་ན། མ་དངུལ་དེས་ཁོང་ཚོའི་ལས་དོན་དེ་རྒྱལ་ཡོངས་སུ་ཁྱབ་སྤེལ་བྱེད་རྒྱུར་ཕན་ཐོགས་པ་དང་། བྷོན་ཌི་རུ་བྱུང་བའི་དོན་རྐྱེན་གྱི་ཤུགས་རྐྱེན་མུ་མཐུད་མྱོང་བཞིན་པའི་སྐྱབས་བཅོལ་བ་ཚོར་རྒྱབ་སྐྱོར་བྱ་རྒྱུ་ཡིན་འདུག
    Show More Show Less
    8 mins
  • རྒྱལ་ཁབ་ཀྱི་ཀླད་པའི་སྐྲན་ནད་ཚབས་ཆེ་ཤོས་ཀྱི་ཞིབ་འཇུག་མུ་མཐུད་རྒྱུར་རོགས་དངུལ་ཐོབ་པ། NACA Feature
    Dec 31 2025
    ཨོ་སི་ཁྲུ་ལི་ཡའི་སྐྲན་ནད་ཞིབ་འཇུག་ལྟེ་གནས་ཁང་ཞིག་ལ་ཨོ་སྒོར་ས་ཡ་ ༢.༥ ཡི་རོགས་དངུལ་གནང་སྟེ་རྒྱལ་ཁབ་ཀྱི་ཀླད་པའི་སྐྲན་ནད་ཚབས་ཆེ་ཤོས་ཀྱི་ཞིབ་འཇུག་མུ་མཐུད་རྒྱུར་བསྐུལ་ཡོད། མེལ་བྷོན་གྲོང་ཁྱེར་ནང་གི་ཝལ་ཊར་དང་ཨི་ལི་ཛ་ཧོལ་ཞིབ་འཇུག་ལྟེ་གནས་ཁང་གི་ཞིབ་འཇུག་པ་ཚོས་ནད་གཞི་དེ་ངོས་འཛིན་དང་སྨན་བཅོས་བྱེད་ཐབས་མགྱོགས་སུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།
    Show More Show Less
    5 mins